སྤྱི་༢༠༢༠ ལོའི་པཎ་ཆེན་རྗེས་དྲན་ལེགས་སྐྱེས།

སྤྱི་༢༠༢༠ ལོའི་པཎ་ཆེན་རྗེས་དྲན་ལེགས་སྐྱེས།

སྤྱི་༢༠༢༠ ལོའི་པཎ་ཆེན་རྗེས་དྲན་ལེགས་སྐྱེས།

 

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།

ན་ནིང་བྱིས་སྒྲུང་གླིང་གི་ཚོགས་མི་རྣམས་ཀྱིས་བུ་ཕྲུག་གི་སེམས་ཁམས་སུ་བོད་པའི་དུས་ཆེན་གྱི་འདུ་ཤེས་དང་དཔེ་ཀློག་གི་གོམས་གཤིས་འཇགས་ཕྱིར་བོད་ཡིག་གི་བྱིས་དེབ་ལེགས་སྐྱེས་སུ་སྤྲོད་དགོས་པའི་སྐོར་ལ་བགྲོ་གླེང་གནང་སྟེ་ཚོགས་མི་མང་པོས་ལག་བསྟར་བྱེད་འགོ་བཙུགས་པ་རེད། ཀྲོ་རན་ཊོ་གྲོང་ཁྱེར་དུ་བཞུགས་པའི་ཨ་མདོ་རྔ་བའི་ཨ་ལགས་སུམ་གྱང་རིན་པོ་ཆེ་ཚང་གིས་སྦྱིན་བདག་གནང་སྟེ་ཀྲོ་རན་ཊོའི་ས་གནས་བོད་ཡིག་སློབ་གྲྭའི་སློབ་མ་རྣམས་ལ་དཔེ་ཆ་གྲངས་༢༥༠ དང་།ཨ་རིའི་ནིའུ་ཡོག་ཏུ་དཔེ་ཆ་༡༥༠ །ཨ་རིའི་ཝུར་མོན་ཊིན་ལ་དེབ་༢༥ བཅས་རིན་མེད་དུ་ཕུལ་ཡོད།

ད་ལོ་བྱིས་སྒྲུང་གླིང་དུ་བཞུགས་པའི་རྡོ་ཞར་དཔལ་ལྡན་དོན་ཡོད་ལགས་དང་དབལ་ཤུལ་ཡེ་ཤེས་ལགས་གཉིས་ཀྱིས་སྦྱིན་བདག་གནང་སྟེ་སྟོན་པའི་མཛད་རྣམ་བྱིས་པའི་བློ་འབྱེད་དེབ་གྲངས་༣༠༠ མདོ་སྨད་རྔ་ཡུལ་གྱི་སློབ་གྲ་ཁག་ཅིག་གི་གྲྭ་སྒྲིག་འཛིན་གྲྭའི་སློབ་མ་རྣམས་ལ་རིན་མེད་དུ་འབུལ་བཞིན་ཡོད། མ་འོངས་པར་བྱ་འགུལ་འདིར་ཞུགས་འདོད་ཡོད་མཁན་ཚོས་ང་ཚོར་འབྲེལ་གནང་རོགས་ཞུ།

མཇུག་ཏུ་དཔེ་དེབ་འགྲེམ་སྤེལ་གྱི་ལས་དོན་ཐད་དང་བླངས་ལས་ཀ་བྱེད་མཁན་དབལ་ཤུལ་བཀྲ་ཤིས་དབང་ཕྱུག་ལགས་དང་ཆུ་ལོང་གི་འཇམ་དཔལ་རྒྱ་མཚོ་ལགས་སོགས་ལ་བཀའ་དྲིན་ཆེ་ཞུ།