ཡོ་རོབ་གླིང་གི་དམངས་ཁྲོད་བྱིས་སྒྲུང་།

ལྷམ་བཟོ་བ།

སྔོན་ཆད་གྲོང་གསེབ་ཞིག་ཏུ་ལྷམ་བཟོ་བ་སྣང་བ་སྐྱིད་པོ་ཅན་ཞིག་ཡོད་པ་རེད། ཁོས་ནམ་རྒྱུན་ལྷམ་བཟོ་ཞོར་དུ། ངག་སྙན་མོ་དབྱངས་རྟ་ལ་དྲངས་ཏེ། གཞས་སྣ་མང་བོ་གཏོང་བཞིན་ཡོད་པས། གྲོང་གསེབ་གྱི་བྱིས་པ་ཚོས་ཁོའི་བཟོ་ཁང་གི་མཐའ་སྐོར་ཏེ་གླུ་གཞས་ལ་ཉན་གྱི་ཡོད་པ་རེད།


ལྷམ་བཟོ་བ་དེ་ལ་ཁྱིམ་མཚེས་ཕྱུག་བདག་ཞིག་ཡོད་པ་དང་། ཕྱུག་བདག་གྱིས་གསེར་སྒོར་བརྩིས་ཏེ་མཚན་གང་བོར་གཉིད་ཀྱི་མེད་པ་རེད། ནམ་ལངས་དུས་ཁོ་གཞི་ནས་ཉལ་གྱི་ཡོད་ནའང་། ལྷམ་བཟོ་བའི་གླུ་སྐད་ཀྱིས་ཁོ་གཉིད་ཁུག་ཏུ་འཇུག་གི་མེད་པས།ཉིན་ཞིག་ཕྱུག་བདག་དེ་ལྷམ་བཟོ་བའི་དྲུང་དུ་ཕྱིན་ཏེ། ཁོ་ལ་གསེར་སྒོར་ཁུག་མ་གང་སྤྲད་དེ་ཕྱིན་སོང་།


ལྷམ་བཟོ་བ་དེས་ཁུག་མའི་ཁ་ཕྱེ་བ་ན། ཁུག་མའི་ནང་དུ་གསེར་སྒོར་མང་བོ་ཡོད་པ་མཐོང་། ཁོ་ཡ་མཚན་པ་དང་ཉིན་གང་བོར་གསེར་སྒོར་གྱི་སྐོར་ལ་བསམ་བློ་བཏང་། མཚན་མོར་གསེར་སྒོར་རྣམས་རུམ་ནས་ཉལ། ཉིན་མོར་གསེར་སྒོར་རྣམས་ཨམ་ཕྲག་ཏུ་བཅུག་སྟེ། གསེར་སྒོར་ཁོ་ནའི་སྐོར་ལ་སྐོར་ལ་བསམ་བློ་བཏང་ནས། གླུ་གཞས་ཁ་ནས་བོར། སེམས་ཀྱི་བདེ་སྐྱིད་བརླག མཐར་གྲོང་གསེབ་གྱི་བྱིས་པ་རྣམས་ཀྱང་ཁོའི་བཟོ་ཁང་དུ་ཡོང་རྒྱུ་མེད་་པར། ཁོ་གཅིག་པུ་སེམས་འཕྲལ་གྱི་ནང་དུ་ལྷུང་།


མཚན་མོ་ཞིག་ལ། ཁོས་གསེར་སྒོར་ཁུག་མ་གང་བོ་རུམ་ནས་ཉལ་ཡོད་ཀྱང་། གཉིད་ཁྱོན་ནས་མ་ཁུག་པ་དང་། འདས་དོན་ལ་བསམ་གཞིགས་དང་བསྐྱར་ཞིབ་མང་བོ་བྱས་མཐར། ད་ལྟ་རང་གི་སེམས་ནང་བདེ་སྐྱིད་མེད་པ་དང་། ངག་ལ་གླུ་གཞས་མེད་པ། མཐའ་འཁོར་ན་བྱིས་པ་གཅིག་ཀྱང་མེད་པ། ཉིན་མཚན་ཀུན་ཏུ་སེམས་འཕྲལ་ནང་དུ་ལྷུང་བའི་རྒྱུ་རྐྱེན་དེ་གསེར་སྲང་ཁུག་མ་གང་བོ་དེར་ཐུག་ཡོད་པ་ཤེས།


ཕྱི་ཉིན་ཞོགས་པ་སྔ་བོར་ཕྱུག་བདག་གི་དྲུང་དུ་སོང་སྟེ། གསེར་སྒོར་ཁུག་མ་གང་བོ་ཕྱིར་སྤྲད་དེ། སྔར་ལྟར་གླུ་གཞས་ལེན་ཞོར་དུ། ལྷམ་བཟོའི་ལས་ལ་ཞུགས་ནས་གནས་པ་ན། གྲོང་གསེབ་གྱི་བྱིས་པ་རྣམས་ཀྱང་སླར་ཡང་ཁོའི་གླུ་གཞས་ལ་ཉན་དུ་ཡོང་བ་དང་། ཁོས་ཀྱང་སེམས་འཕྲལ་བྲལ་བའི་འཚོ་བ་ཡང་བསྐྱར་བསྐྱེལ་ཐུབ་པ་བྱུང་ངོ་།།

 

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: ཡོ་རོབ་གྱི་བྱིས་སྒྲུང་

cialis search buy tadalafil cialis Eligo

urbasia | 25/12/2020

Resultados Con Propecia proork <a href=https://bansocialism.com/>cheap cialis generic online</a> Neenesnisind Cialis In Hamburg

cialis promise program canada

ImidwAy | 22/04/2021

https://vsviagrav.com/ - viagra

knee cialis usa admission

AFrauckcica | 21/06/2020

<a href="https://cialisle.com/">cialis cost</a>

cialis search buy tadalafil cialis Eligo

urbasia | 25/12/2020

Resultados Con Propecia proork <a href=https://bansocialism.com/>cheap cialis generic online</a> Neenesnisind Cialis In Hamburg

Story

Kunga | 08/12/2013

ནམ་སྔོན་མ་ཞིག་ཁྱིམ་ཚང་གཞི་ཕྲུག་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་རེད་ཕྲུག་གུ་དེ་ཉིད་སྐྱེས་པའི་ཉི་མ་གཅིག་ལ་མི་ཚང་དེའི་བ་ཕྱུག་དང་རྟ་འདྲེ་ཁྱི་ཞི་མོས་གཙོ་བདུད་འགྲོ་རྣམས་ལ་ཡང་ཕྲུག་གུ་སྐྱེས་མ་བཟད་མི་ཚང་དེ་ཉི་རེར་མ་སྡད་པར་ཡར་རྒྱས་ཕྱིན་ཕ་མ་གཉིས་ཀྱི་བསམ་པར་ངེས་གཉིས་ལ་ཕྲུག་ཡོད་ནའང་ཡར་རྒྱས་འདི་ཕྱིན་ད་ཕྲུག་གུ་མེད་ན་དེ་བས་ཡར་རྒྱས་ཡོངས་ཀྱི་རེད་བསམ་ནས་རང་ཉིད་ཀྱི་ཤ་ནས་གཅེས་པའི་བུ་ཕྲུག་མེད་པ་བཟོ་དགོས་པའི་བསམ་ངན་འཁོར་། རྗེས་སུ་མུ་མཐུད་འགོད་རྒྱུ་ཡིན།།

knee cialis usa admission

AFrauckcica | 21/06/2020

<a href="https://cialisle.com/">cialis cost</a>

གོང་གི་བྱིས་སྒྲུང་།

གཅན་ཡེ་རྒྱམ། | 22/10/2013

ཡག་པོ་བསྒྱུར་འདུག འདི་འདྲའི་རིག་མང་ཙམ་བསྒྱུར་ཐུབ་ན་ཡག་པོ་ཡོང་བ།

<< 1 | 2

New comment